50扑尔曲 - 挚友
歌手:扑尔曲
歌名:挚友
专辑:浪
制作:扑总
འཐབ་གྲོགས།
挚友
ཚིག གངས་བུ་ཁེར་འགྲོ། 词:扑尔曲
གདངས། གངས་བུ་ཁེར་འགྲོ། 曲:扑尔曲
ལེན་མཁན། གངས་བུ་ཁེར་འགྲོ། 唱:扑尔曲
ལས་དབང་བཟང་ལ་བཟང་བས
ཁྱེད་དང་འཕྲད་པ་འདི་ནི
གནམ་བདག་ཐུགས་ཀྱི་ལྷ་སྲས
ཀ་ཁ་དབྱངས་ཀྱིས་གྱེར་རོགས
སྐྱིད་སྡུག་གཉིས་ཀྱི་དཔུང་རོགས
ང་དང་ཁྱེད་ཁྱེད་དང་ང
གཅིག་ཏུ་གྲུབ་པའི་གྲོགས་མཆོག་ཡ་གྲོགས་མཆོག
སྤུན་ཟླ་ཡ་སྤུན་ཟླ
བྱིས་བློ་རྩེ་དགེས་བསུས་སོང་།
མཛད་པ་བཟང་ལ་བཟང་བས
ཁྱེད་ཀྱི་གཟི་བརྗིད་འདི་ནི
སྟོན་པ་ཤཱཀྱའི་རྗེས་རབས
ཆོས་དོན་ངང་གིས་གསུངས་མཁན
སྐྱིད་སྡུག་གཉིས་ཀྱི་ལམ་སྟོན
ང་དང་ཁྱེད་ཁྱེད་དང་ང
གཅིག་ཏུ་གྲུབ་པའི་གྲོགས་མཆོག་ཡ་གྲོགས་མཆོག
སྤུན་ཟླ་ཡ་སྤུན་ཟླ
མཛད་པ་སྔར་བཞིན་བརྟན་དགོས།
ང་དང་ཁྱེད་ཁྱེད་དང་ང
གཅིག་ཏུ་གྲུབ་པའི་གྲོགས་མཆོག་ཡ་གྲོགས་མཆོག
སྤུན་ཟླ་ཡ་སྤུན་ཟླ
ནམ་ཡང་ཡིད་དུ་ངེས་སོ།།